ནང་སྲིད་ལས་ཁུངས།
[ བཙན་བྱོལ་བོད་གཞུང་ནང་སྲིད་ལས་ཁུངས་ཀྱི་ལོ་རྒྱུད་སྙིང་བསྡུས། ]
༈ སྨོན་ལམ་ལོག་པས་༸རྒྱལ་བའི་བསྟན་པ་ལ།
།འཁུ་བའི་ནག་ཕྱོགས་གཟུགས་ཅན་གཟུགས་མེད་སྡེ།
།བསམ་སྦྱོར་ངན་པའི་འཇུག་པ་མ་ལུས་པ།
།མཆོག་གསུམ་བདེན་པས་རྩད་ནས་གཅོད་གྱུར་ཅིག། ༎
ངོ་སྤྲོད།
༄༅། ཕྱི་ལོ་ ༡༩༥༩ ལོར་བཙན་བྱོལ་དུ་འབྱོར་མ་ཐག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་བཞེད་ལྟར་བཙན་བྱོལ་བོད་གཞུང་ནང་སྲིད་ལས་ཁུངས་ནས་ཛ་དྲག་ཐོག་རང་རིགས་རྣམས་གཞིས་འཁོད་ཐུབ་ཐབས་ཀྱི་ལས་དོན་ཞུ་སྒོ་འགོ་འཛུགས་ཞུས་ཡོད། ད་ལྟའི་ཆར་རྒྱ་བལ་འབྲུག་གསུམ་ནང་སོ་ནམ་གཙོ་གྱུར་གྱི་གཞིས་ཁག ༢༤ དང་བཟོ་ལས་ལ་རྟེན་པའི་གཞིས་ཁག ༡༤ གཞན་བོད་མིའི་སྡོད་སྒར་གྲངས་ ༡༨ རྒས་གསོ་ཁང་ ༡༤ བཅས་ཡོད་པ་དང༌། མི་འབོར་བསྡོམས་ ༡༢༥༦༤༢ ཡོད་པ་འདི་དག་གི་གང་ཅིའི་གནས་སྟངས་ལ་་གཟིགས་སྐྱོང་འགན་འཁུར་ཞུ་མུས་ཡིན། ནང་སྲིད་ལས་ཁུངས་ཀྱི་ལས་དོན་གཙོ་བོ་གཞིས་ཆགས་ཁག་འཚོ་གནས་ཐུབ་ཐབས་བཟོ་རྒྱུ་དེ་ཡིན།
ལས་དོན་དམིགས་ཚད་དང་བསྒྲུབ་བྱ།
- རྒྱུན་གནས་ཐུབ་པའི་སོ་ནམ་འདེབས་ལས།
- མཉམ་འབྲེལ་སྒྲིག་འཛུགས་བསྲ་བརྟན་དང་ཡར་རྒྱས།
- ས་གནས་རང་སྐྱོང་གི་ནུས་པ་གོང་མཐོར་གཏོང་རྒྱུ།
- ན་གཞོན་ལས་མེད་རྣམས་ལ་ལས་རིགས་འདྲ་མིན་ཐོག་དུས་ཐུང་སྦྱོང་བརྡར་སྤྲོད་རྒྱུ།
- གཞིས་ཆགས་ནང་སྤྱི་ཚོགས་དང་དཔལ་འབྱོར་འཛུགས་སྐྲུན་གོང་འཕེལ་གཏོང་རྒྱུ།
- ཉམ་ཐག་རྒས་གཅོང་ལ་རོགས་སྐྱོར་བཅས།

