Clusty

 ཁ་པར། ༩༡(༡༨༩༢)༢༢༢༤༡༢།༢༢༢༢༡༤ ཁ་པར། ༩༡(༡༨༩༢)༢༢༥༠༦༥ 

དབུས་བོད་མིའི་ངལ་སེལ་ལས་ཁུངས་ཀྱི་སྡེ་ཚན་སོ་སོའི་ངོ་བོ་དང་དམིགས་ཡུལ།

[ དབུས་ངལ་སེལ་ལས་ཁུངས་ཀྱི་སྡེ་ཚན་དང་ཚན་པ་སོ་སོའི་ལས་འགན་ཁག ]

ཀ༽ སོ་ནམ་དང་མཉམ་འབྲེལ་རོགས་སྐྱོར་སྡེ་ཚན།

༡། སོ་ནམ་ལམ་སྟོན་ཚན་པ།

བཙན་བྱོལ་ནང་བོད་མི་རྒྱ་ཆ་ ༦༠ ལས་ལྷག་ཙམ་ཁྱབ་ཁོངས་སོ་ནམ་ཞིང་ལས་གཙོ་གྱུར་གཞིས་ཁག་དུ་གནས་ཡོད་པ་དང་དེ་ལྟར་རྒྱུན་གནང་ཐུབ་པའི་སོ་ནམ་འདེབས་ལས་ཀྱི་ཐོན་འབབ་ཡར་རྒྱས་ཆེད་དགོས་མཁོའི་བཀོད་བྱུས་ལམ་སྟོན་གནང་རྒྱུའི་ཐོག་ཕྱི་ནང་གཞུང་བྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ནས་རོགས་རམ་ཐབས་འཚོལ་ཞུ་རྒྱུའི་འགན་འཁུར་རྐང་ལེན་ཞུ་མུས་ཡིན། གཙོ་ཆེར་གཤམ་གསལ་ལས་གཞིའི་བརྒྱུད་རོགས་ཕན་འཐུན་རྒྱུར་གནང་བཞིན་ཡོད།

  1. གཟབ་སྦྱོང་དང་སྦྱོང་བརྡར།
  2. འཛུགས་བསྐྲུན།
  3. སྐྱེ་ལྡན་དང་རང་བཞིན་སོ་ནམ།
  4. སྒོ་ཕྱུགས་གསོ་སྐྱོང༌།
  5. ས་ཆུ་བདག་གཅེས།
  6. དཔེ་སྟོན་སོ་ནམ་གཞིས་ཆགས་བཅས།

༢། མཉམ་འབྲེལ་རོགས་སྐྱོར་ཚན་པ།

བོད་མི་སྐྱབས་བཅོལ་སྤྱི་ཡོངས་ཀྱི་མཉམ་འབྲེལ་སྒྲིག་འཛུགས་བསྲ་བརྟན་དང་ཡར་རྒྱས།

  1. གཟབ་སྦྱོང་དང་སྦྱོང་བརྡར།
  2. མཉམ་འབྲེལ་འཛིན་སྐྱོང་ལེགས་བཅོས།
  3. མིག་དཔེ་འོས་པའི་མཉམ་འབྲེལ།